缘-陈明.mp3

陈明 华语音乐 2024-02-17 11:47:59
作词 : 罗布桑珠
作曲 : 罗布桑珠/旦旦
མདང་ནུབ་མཚན་མོའི་རྨི་ལམ་གྱི་ནང་དུ།
ཁྱེད་ཀྱི་བཞིན་རས་ལྷང་ལྷང་དུ་མཇལ།
སྐྱེ་བ་གྲངས་མེད་གོང་གི་ངའི་རྗེས་དྲན་ལྷང་ལྷང་གསལ།
ཚེ་འདིར་ཁྱེད་དང་མིག་ཟུང་གཅིག
འཁོར་བ་འདི་ནས་ཁ་ལོ་འགྱུར།
དཀར་གསལ་ཟླ་འོད་འོག་ཁྱེད་དང་དམ་བཅའ་བཞག
ནག་ནོག་གི་མདུན་ཕྱོགས་ལམ་བུ་བྲག་རོང་དང་ཉེན་ཁས་ཁེངས་ཀྱང་།
ཁྱེད་དང་འཕྲད་པའི་འདུན་པ་དེ་ནུབ་མི་སྲིད།
གངས་རིའི་སྟེང་ནས་སེམས་ནང་ནས་གྲགས་པའི་འབོད་སྒྲ་དེ་སུ་ཡི་ཐོས།
ངའི་ཚེ་རབས་འདི།
འཐབ་རྩོད་དང་དམག་སར་སྤུ་ཙམ་མི་འཇིགས།
ངའི་འཁོར་བ་དེ།
འོན་ཀྱང་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་འདི་ཕམས།
སྐྱེ་བ་དུ་མའི་རྣམ་ཤེས་དེ་ཁྱེད་ལ་ཆགས་ནས།
ཁ་བ་མར་མར་འབབ་པ་ཡི་དུས་ཚོད་འདི་ལ།
སྐྱིད་ཆུ་སྔོན་མོའི་གཙང་འགྲམ་ནས་ཁྱེད་དང་མཇལ་བར་སྒུག
སྐྱིད་ཆུ་སྔོན་མོ།
རྒྱུགས་པའི་འགྲམ་ནས།
མཛེས་པའི་གཏམ་རྒྱུད།
ཡང་ཡང་ལེན།
ཉི་འོད་ལོ་ཞལ་ཆུ་མོ་ཡི་སྟེང་ལ།
བརྩེ་བའི་ཆུ་བྱ་གཉིས་ལྷང་ལྷང་དུ་མཇལ།
སྐྱེ་བ་གྲངས་མེད་གོང་གི་ངའི་རྗེས་དྲན་ལྷང་ལྷང་གསལ།
ཚེ་འདིར་ཁྱེད་དང་མིག་ཟུང་གཅིག
འཁོར་བ་འདི་ནས་ཁ་ལོ་འགྱུར།
དཀར་གསལ་ཟླ་འོད་འོག་ཁྱེད་དང་དམ་བཅའ་བཞག
ནག་ནོག་གི་མདུན་ཕྱོགས་ལམ་བུ་བྲག་རོང་དང་ཉེན་ཁས་ཁེངས་ཀྱང་།
ཁྱེད་དང་འཕྲད་པའི་འདུན་པ་དེ་ནུབ་མི་སྲིད།
གངས་རིའི་སྟེང་ནས་སེམས་ནང་ནས་གྲགས་པའི་འབོད་སྒྲ་དེ་སུ་ཡི་ཐོས།
ངའི་ཚེ་རབས་འདི།
ངའི་འཁོར་བ་དེ།
དབྱར་དགུན་སྟོན་དཔྱིད་ལ་ལུང་མང་པོ་རྒྱབ་ནས།
རྣམ་ཤེས་གུང་ཐང་ཁྱེད་ཕྱོགས་ལ་འཕུར་ནས།
ལས་ཀྱི་བསྐོས་པའི་དཀའ་བ་ཡོད་ཚད་དེ་བཅད།
ནམ་ཞིག་འཕྲད་ཆེད་མཆོད་མེ་ཡི་གདུང་རས་འགྱུར་ཡང་འགྱོད་པ་མེད།
ངའི་ཚེ་རབས་འདི།
འཐབ་རྩོད་དང་དམག་སར་སྤུ་ཙམ་མི་འཇིགས།
ངའི་འཁོར་བ་དེ།
ངའི་འཁོར་བ་དེ།
འོན་ཀྱང་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་འདི་ཕམས།
སྐྱི་བ་འཆི་བ་འཁོར་བ་དང་གྲངས་མེད།
བརྩེ་བ་ཆེན་པོའི་སྙིང་པོ་དེ་འཚལ་ནས།
མཐའ་མར་འགྲོ་བ་རིགས་དྲུག་ཐམས་ཅད་ལ་བརྩེ་བ་བཅངས།
版权声明

提取码:,本专辑整理自互联网,版权归唱片公司及歌手所有,如有侵权请联系站长删除。站长邮箱:liyoulan@foxmail.com。

评论

留言与评论(共有 0 条评论)
   
验证码: